出道数载不改初心:来自丹巴美人谷的藏族美女歌手扎西措首张个人全新母语专辑《心镜》即将面世

发表于 讨论求助 2022-03-22 10:23:57

བོད་ཀྱི་རོལ་རྩེད།
藏族娱乐,一手新鲜在里面

?

ཀ་རིང་བཀྲ་ཤིས་མཚོ

ཕ་སྐད་གཙང་མའི་ཆེད་བསྒྲིགས་བརྙན་འཁོར།

རྒྱལ་རོང་གི་བོད་ཀྱི་གླུ་མ་བཀྲ་ཤིས་མཚོའི་ཕ་སྐད་གཙང་མའི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ་༼ཡིད་ཀྱི་མེ་ལོང་༽ཞེས་པ་མི་འགྱང་བར་སྤེལ་རྒྱུ་རེད།


ཕ་ཡུལ་དཀར་མཛེས་ཁུལ་རོང་བྲག་རྫོང་ནས་ལང་ཚོའི་མེ་ཏོག་འབུས་ཞིང་ཁ་བ་རི་བོའི་ཡུལ་ནས་ངག་གི་མཆོད་པ་ཕུལ་བའི་བོད་ཀྱི་གླུ་མ་བཀྲ་ཤིས་མཚོའི་ཕ་སྐད་གཙང་མའི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ་༼ཡིད་ཀྱི་མེ་ལོང་༽ཞེས་པ་འགྲེམས་སྤེལ་གྱི་བརྡ་ཁྱབ་དངོས་སུ་སྤེལ་བ་དང་། དུས་མཉམ་དུ་དྲྭ་ལམ་བརྒྱུད་ནས་ཆེད་བསྒྲིགས་ངོ་སྤྲོད་ཀྱི་བརྙན་ཐུང་ངུ་ཞིག་ཀྱང་ཀུན་གྱི་སྤྱན་སྔར་ཕུལ་ཡོད།



གླུ་མ་བཀྲ་ཤིས་མཚོ་ནི་མཐོ་སྒང་གི་རོང་ཁྱིམ་དཀྱིས་མ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་གླུ་དང་རོལ་དབྱངས། ཞབས་བྲོ་སོགས་ལ་དུང་ཞེན་དང་རིག་པ་སྐྱེན་པས། མོས་དཀའ་བ་ཁྱད་གསོད་དང་སྦྱོང་བརྩོན་ལྷུར་ལེན་གྱིས་མི་ཚེའི་གོམ་ཁ་སྒྱུ་རྩལ་གྱི་ལམ་དུ་བཀོད། ལོ་དུ་མའི་རིང་ལ། མོས་སྒྱུ་རྩལ་ལ་བཅངས་པའི་འགྱུར་མེད་ཀྱི་དུང་བ་དང་འདོར་མེད་ཀྱི་རྒྱུན་སྐྱོང་བརྒྱུད་ནས། ཁོ་མོ་སྙན་པའི་གྲགས་པ་གང་སར་ཁྱབ་པའི་མཁུར་ཚོས་དམར་པོ་ཚན་སྡེབ་ཀྱི་གཙོ་འཁྲབ་པར་གྱུར་པ་མ་ཟད། མོའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་དང་སེམས་གཏིང་གི་ཚོར་འདུ་ཟབ་མོ་ལ་བརྒྱུས་པའི་གླུ་གཞས་དང་བརྙན་འཕྲིན་བརྩམས་ཆོས་རེ་རེར། རྒྱལ་ཕྱི་ནང་གི་གཟིགས་གསན་མོ་བ་ཀུན་གྱིས་དགའ་བསུ་དང་རྒྱབ་སྐྱོར་བར་མེད་ཐོབ།


མ་གཞི་སྒྱུ་རྩལ་ནི་རིག་གནས་ཀྱི་མཛེས་ཆོས་ཞིག་རེད་ལ། རིག་གནས་ནི་སྲོལ་རྒྱུན་གྱི་འབྲས་བཅུད་ཅིག་རེད་ཨང་། དེ་བས་གླུ་མ་བཀྲ་ཤིས་མཚོས་བཤད་ན་སྲོལ་རྒྱུན་དང་རིག་གནས་ནི་རོལ་མོའི་སྲོག་རྩ་ཡིན་ལ་རོལ་མོ་ནི་རིག་གནས་དར་སྤེལ་གྱི་ཐབས་ལམ་གལ་ཆེན་ཞིག་རེད་ལ། རིག་གནས་ཕྱིར་རྟོག་དང་སྒྱུ་རྩལ་མཐོ་སྙེག་བྱ་རྒྱུ་ནི་མོའི་ཕུགས་བསམ་ཡིན་ཟེར། དེའི་ཕྱིར་ད་ཐེངས་ཡང་མོས་བགྲང་བྱ་དུ་མའི་རིང་ལ་འཚོལ་སྙེག་དང་གྲ་སྒྲིག་བརྒྱུད་ནས་ཕ་སྐད་གཙང་མའི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ་༼ཡིད་ཀྱི་མེ་ལོང་༽ཞེས་པ་ཟླ་༦པའི་ཚེས་༨་ཉིན་དངོས་སུ་ཁྲོམ་རར་འགྲེམ་འཆར་ཡོད་ལ། ཆེད་བསྒྲིགས་བརྙན་འཁོར་འདིའི་ནང་གི་གླུ་ཚིག་དང་དབྱངས། རོལ་མོ་དང་བརྙན་ལ་སོགས་ཡོད་ཚད་བོད་ཁུལ་གྱི་ཕུལ་དུ་བྱུང་པའི་སྒྱུ་རྩལ་བ་མང་པོ་ཞིག་གིས་རོགས་སྐྱོར་འོག་ཏུ་ལེགས་འགྲུབ་བྱུང་བ་ཡིན་ཞིང་། རོལ་མོ་ལ་གནའ་དེང་ཟུང་འབྲེལ་གྱི་ཁྱད་ཆོས་ལྡན་ཤིང་གླུ་ཚིག་དང་བརྙན་སོགས་ཀྱིས་རྒྱལ་རོང་ས་ཆའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སྐྱེས་ཁམས་ཁྱད་ཆོས་སོགས་འབུར་ཏུ་བཏོན་ཡོད། དཔེར་ན་ཆེད་བསྒྲིགས་འདིའི་བརྗོད་དོན་གླུ་དབྱངས་༼ཡིད་ཀྱི་མེ་ལོང་༽ཞེས་པ་དེས་སྒྲུང་བཤད་ཀྱི་ལམ་ནས་ན་གཞོན་ཚོ་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་གྱི་འབོད་སྐུལ་བཏོན་ཡོད་པ་དང་། གླུ་གཞས་༼ཨ་མའི་རེ་བ་༽ཞེས་པར་སྒང་བ་བོད་ཀྱི་ལྷད་དུ་མེད་ཅིང་རླབས་པོ་ཆེའི་ཕ་མ་དང་བུ་རྒྱུད་བར་གྱི་བརྩེ་དུང་ཟབ་མོ་མངོན་པར་བསྟོད་ཡོད། ད་དུང་༼ཐོབ་ཤོར་གྱི་འབྲས་༽ཞེས་པའི་གླུ་དབྱངས་འདིར་བརྙན་གྱི་ལམ་ནས་རྒྱལ་རོང་ས་ཆའི་ཁྱད་ལྡན་གྱི་གཉེན་སྟོན་རིག་གནས་ལྷུག་པོར་བརྗོད་ཡོད།


ཆེད་བསྒྲིགས་འདིའི་སྒྱུ་རྩལ་ལག་ཤེས་དང་རོལ་མོའི་གསར་གཏོད། དབྱངས་ཚིག་གཞས་གསུམ་གྱི་སྤུས་ཚད་སོགས་གང་ཅིའི་ཐད་ནས་རྣམ་པ་ཚོར་སྔར་མེད་ཀྱི་ཚོར་བ་གསར་པ་ཞིག་སྟེར་ངེས། རྣམ་པ་ཚོས་མོའི་གླུ་དབྱངས་ཆེད་བསྒྲིགས་འདི་དང་མ་འོངས་པའི་མདུན་ལམ་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་མཁྱེན།


བཀྲ་ཤིས་མཚོའི་གླུ་དབྱངས་བརྩམས་ཆོས་ལ་༼ཨ་མའི་རེ་བ་༽དང་༼ཡིད་ཀྱི་མེ་ལོང་༽སོགས་ཡོད་ལ་འཁྲབ་སྟོན་བྱས་པའི་གློག་བརྙན་གཙོ་བོ་༼ངའི་ཕ་ཡུལ་སྡེ་དགེ་༽དང་༼རྟ་མཆོག་གི་ཕ་ཡུལ་༽སོགས་ཡོད།


གླུ་མ་བཀྲ་ཤིས་མཚོའི་༼ཡིད་ཀྱི་མེ་ལོང་༽ཞེས་པའི་ཕ་སྐད་གཙང་མའི་ཆེད་བསྒྲིགས་བརྙན་འཁོར་འདི་དྲྭ་ལམ་བརྒྱུད་ནས་འཚོང་བཞིན་ཡོད་པས་གལ་ཏེ་ཁྱེད་ལ་དགོས་མཁོ་ཡོད་ན་འོག་གི་དྲྭ་མིག་འདི་བརྒྱུད་ནས་ང་ཚོར་འབྲེལ་བ་བྱེད་རོགས་ཞུ།། བཀྲ་ཤིས་ཞལ་དྲོ།།


扎西措首张个人母语专辑《心镜》宣传海报


6月8日,来自四川甘孜州丹巴美人谷的藏族美女歌手扎西措首张个人全新母语专辑《心镜》宣传海报正式曝光。同时,新专辑精剪宣传片也在全网发布。预示着这张扎西措首张个人全新母语专辑即将发行,要和大家正式见面了。

......

歌手扎西措


作为藏族流行乐坛知名的高原红组合成员之一,扎西措的演唱风格既可以高亢抒情,也可以低吟浅唱。扎西措从小对音乐还有影视表演方面特别感兴趣,自出道以来,潜心静学,一直不停地挑战不一样的音乐,用具有超强识别性的迷人声线和超高的颜值圈粉无数。不仅深受藏区各地听众的欢迎,也赢得了众多内地听众的喜爱。

......

?
▲ 扎西措新专辑《心镜》精彩内容抢先看

据扎西措介绍,这张新专辑囊括了8首歌曲,全部由母语演唱,一张DVD专辑附赠一张同款音乐CD。这张历经打磨的新专辑,由行业内顶尖级音乐人保驾护航。如藏族著名作曲家泽多老师,青年音乐人智王桑珠、班俊龙珠、汪泓宇、格杰白玛等,每一个词、每一个音符都是经过反复推敲后才确定下来的。


最让扎西措感动的是著名作曲家泽多老师,他把保留了多年一直不舍得给别人的音乐作品拿出来让扎西措演唱。当然扎西措也没有让泽多老师失望,用心和饱满的情感演绎了这首泽多老师的保留作品《初恋》。

......

歌手扎西措


这张新专辑的同名主打歌曲《心镜》,由创作了非常多优秀音乐作品的青年音乐人智王桑珠为扎西措量声打造。这首《心镜》扎西措已在2017年青海藏历新年晚会上演唱过,此次经过MV导演格杰白玛的精心打造,唯美的声线加以唯美的画面,将这首歌本身饱含的意义更加深刻和全面的展现了出来。


扎西措还介绍说,《心镜》这首歌阐述着我们年轻一代如何传承和发扬祖辈流下的文化、历史、语言与习俗的故事,无论歌词还是音乐都非常符合目前现在她个人的心境,所以她将这张新专辑定名为《心镜》。

......

歌手扎西措


本次新专辑里面还有一首特别值得一提的歌,就是由青年作曲家班俊龙珠和词作者尼玛老师创作的音乐作品《母亲的心愿》。这首歌早于2015年母亲节在全网推出,这也是扎西措出道以来的首支个人单曲。这首歌一经推出就受到了各地听众热烈欢迎和喜爱,并且在2015年青海藏语广播走进藏区大型演出活动中正式首唱,随即再次爆红网络,在朋友圈产生了相当强烈的联动效应。很多朋友对扎西措印象加深应该就是从这首歌开始的,也是从这一首歌开始,扎西措成为了更多人心目中的全新女神。


据了解,《母亲的心愿》创作人班俊龙珠先生和尼玛老师为扎西措无偿提供了作品支持,所以扎西措才有了这么好的一个机会来演绎这么好听的一首音乐作品,扎西措表示对尼玛老师和班俊龙珠先生由衷的感激。

......

歌手扎西措


因为扎西措是从有着“丹巴美人谷”美誉的四川甘孜州走出来的藏族歌手,这张新专辑不可或缺的一定得是丹巴嘉绒的元素。从筹备初期,扎西措一直在想怎样更好的把嘉绒文化融入到这张新专辑当中。经过和好友格杰白玛多次沟通之后,最终确定了一首以《远嫁》为主题、多方位展示丹巴藏族婚俗的音乐作品。


为了更好的向外界展示丹巴嘉绒风俗,从题材到选景扎西措亲力亲为。扎西措表示,近几年关于嘉绒的话题越来越多,关注度也越来高,凭她一己之力可能会很难,但是她会从她自身做起,尽可能的在能力范围之内一点一滴更好的宣传和推广丹巴藏族文化。

......

歌手扎西措


本次扎西措的新专辑,无论在选曲、造型以及心境上,都有着令人焕然一新的感受。这张新专辑也是扎西措出道多年以来的一次小小总结,她希望新专辑正式面世之后能够得到大家的喜爱和支持。借此机会,扎西措对在本次专辑当中为她无偿提供词曲作品的老师们表示真诚的感谢。扎西措也表示,这张专辑还不算完美,这次新专辑推出之后,接下来她也会尝试着创作更多不同风格的音乐作品,在追求音乐的路上不忘初心奋勇前行,永不言弃,坚持创作更多好听的歌曲。

 

一直主打流行情感风格的扎西措这次的新专辑是否会在风格上做一些突破,是否会为歌迷们带来不一样的音乐感受呢?让我们一起期待吧!

......

歌手、演员

扎 西 措


扎西措,四川省甘孜藏族自治州丹巴县人,藏族歌手、演员。早年出道,有着非常扎实的演唱功底和丰富的表演经验。


个人音乐作品包括:《母亲的心愿》《今生相爱》《草原上的家园》《格桑花又开》《心镜》等;


音乐剧:《丝路恋歌》;


个人影视作品包括:《故乡德格》《骏马之乡》等。

......

温馨

提示

目前,扎西措首张个人全新母语专辑《心镜》现已进入预售阶段。需要的朋友们可以扫描下方二维码进行订购,感谢支持!

扫描二维码

订购扎西措

首张新专辑


གསལ་བཤད། / 声明


འདིར་གསལ་བཤད་བྱེད་རྒྱུ་ལ། འདི་གར་བརྩམས་ཆོས་སྐུར་མཁན་དག་གིས་གླུ་བ་དང་། ཚིག་དབྱངས་རྩོམ་པ་པོ། རོལ་མོ་སྒྲིག་བཟོ་བ་སོགས་འབྲེལ་ཡོད་མི་སྣ་ཚང་མར་པར་དཔང་གི་སྐོར་གྲོས་མཐུན་བྱུང་རྗེས་ད་གཟོད་འདི་གར་བསྐུར་དགོས། སྤྱི་སྟེགས་སུ་བཀོད་རྗེས་པར་དཔང་གི་གནད་དོན་གང་ལ་ཐུག་ཀྱང་འདི་ག་ནས་འགན་མི་འཁུར།


本平台郑重声明:请各位需要投稿的朋友在发投稿作品之前,务必和歌手、音乐人、制作人之间进行沟通并统一意见。即日起,本平台投稿邮箱自接收到投稿作品之时,即自动默认授权。发布后的版权等纠纷问题,本平台概不负责。望周知!


藏族娱乐 感恩有你

﹌END﹌

『 版权所有 | 藏族娱乐© | 转载请注明出处 』

『 本文涉及的音乐相关已获艺人授权 』

· 藏族娱乐 ·

长按下图二维码识别关注我们

歌曲上线 | 歌手宣传 | 活动统筹 | 演艺经纪

微信联系:18697291521(非公勿扰)

投稿邮箱:107305462@qq.com

发表
26906人 签到看排名